རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།

༧གོང་ས་མཆོག་གི་གསུང་རྩོམ་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་ཐོག་མར་༧གོང་ས་མཆོག་གིས་དབྱིན་ཡིག་སྟེང་ཕྱག་རྩོམ་མཛད་དེ་ད་ལམ་བསྟན་འཛིན་རིག་བཟང་ནས་བོད་ཡིག་སྒང་ཕབས་བསྒྱུར་བྱས་པའི་གསུང་རྩོམ་ཞིག་ཡིན།    ཕྱག་དཔེ་འདིའི་ནང་དངོས་ཁམས་རིག་པས་འཇིག་རྟེན་ལ་ལྟ་སྟངས་ལས་གནའ་བོའི་ནང་བའི་གཞུང་ལུགས་ནང་འགྲེལ་བཤད་དེ་ཚོ་རགས་པ་ཡིན་པ་ཚན་རིག་གི་གོ་རྟོགས་འཕེལ་བ་ལས་རིམ་གྱིས་གསལ་བོར་ཆགས་པ་དང་།  ཚན་རིག་གིས་ཕྱིའི་ལུས་ཕུང་གི་བདེ་སྡུག་མང་བོ་ཞིག་སེལ་ཐུབ་པ་དངོས་ཡོད་ཡིན་ཡང་ནང་སེམས་ཀྱི་བདེ་སྡུག་སེལ་མི་ཐུབ་པ་ཡར་རྒྱས་ལུང་བའི་མི་ཚོ་བལྟས་ན་གསལ་རྟོགས་ཐུབ་པ་དང་། རྒྱུ་མཚན་དེས་ནང་ཆོས་དང་ཚན་རིག་གཉིས་མཐུན་ཕྱོགས་མང་བོ་ཡོད་པ་ཁོང་གིས་གསལ་འདོན་མཛད་ཡོད། སེམས་ཀྱི་འཁྱེར་སོ་བསྒྱུར་བཅོས་དང་གཤིས་རྒྱུད་སྦྱོང་བ་བཅས་ལ་བརྟེན་ནས་ང་ཚོས་སེམས་ཀྱི་དཀའ་སྡུག་ལ་གདོང་ལེན་དང་དེ་ལས་རྒྱལ་བར་བྱེད་དགོས་པར་གསུངས། ཚན་རིག་དང་སེམས་དོན་རིག་པ་གཉིས་ཀྱི་བར་ལ་འབྲེལ་མེད་ཅིག་མིན། སྡུག་བསྔལ་སེལ་བར་ལུས་སེམས་གཉིས་ནས་བསལ་དགོས་སྟབས་ཚན་རིག་དང་ནང་ཆོས་གཉིས་ང་ཚོར་དགོས་ངེས་ཡིན་པ་གསལ་འདོན་མཛད་ཡོད། སེམས་དོན་རིག་པ་དང་ཚན་རིག་གཉིས་ཐ་དད་ཡིན་ཡང་། འོན་ཀྱང་། བདེན་པ་འཚོལ་བའི་དམིགས་ཡུལ་རླབས་ཆེན་གཅིག་མཚུངས་ཡིན་པར་གསུངས་ཡོད། ཕྱག་རྩོམ་འདིའི་ནང་ཚན་རིག་དང་སེམས་དོན་རིག་པ་གཉིས་ཀྱིས་བགྲོ་གླེང་འགྲོ་བཞིན་པ་གོང་འཕེལ་གཏོང་བའི་ལས་གཞི་གལ་ཆེ་དེར་རམ་འདེགས་ཤིག་ཆགས་པར་ཐུགས་རེ་བཏོན་ཡོད། དེའི་ནང་དགེ་འདུན་ཆོས་འཕེལ་གྱི་གསུང་འཕྲིན་ཞིག་ལས་ཚན་རིག་ཕྱོགས་ལ་མཇུག་པའི་ཐུགས་སྤོབས་སྔར་ལས་ལྷག་པ་ཞིག་སྐྱེས་བྱུང་ཞེས་གསུང་དོན། རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་མང་ཕྱིན་པའི་རྗེས་སུ། དགེ་འདུན་ཆོས་འཕེལ་གྱིས་༡༩༤༠ནང་ལ་བོད་ཀྱི་ནང་པའི་མཁས་པ་ཚོར་སྤྲིངས་པའི་འཕྲིན་ཡིག་ཁ་གསལ་ཞིག་ངའི་ལག་ཏུ་སོན་བྱུང་། ཁོང་ནི་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་ལེགས་སྦྱར་གྱི་སྐད་ཙམ་མ་ཡིན་པར་དབྱིན་ཡིག་ཀྱང་ཤེས་པའི་མཁས་དབང་ཁྱད་པར་བ་ཞིག་རེད། ༡༩༣༠ཡས་མས་སུ་ཁོང་དབྱིན་ཇི་བས་བཟུང་བའི་རྒྱ་གར་བ་དང་། ཨ་ཧྥི་རྒ་ནི་སི་ཐན། བལ་ཡུལ། ཤྲི་ལངྐ་བཅས་ཀྱི་ནང་དུ་འགྲུལ་བཞུད་རྒྱ་ཆེར་བྱས་ཤིང་། ཁོང་གི་ལོ་བཅུ་གཉིས་ཀྱི་འགྲུལ་བཞུད་རྫོགས་ལ་ཉེ་སྐབས་བྲིས་པའི་འཕྲིན་ཡིག་འདི་ནི་ཧ་ལས་པ་ཞིག་རེད། དེའི་ནང་དུ་ཁོང་གིས་ནང་ཆོས་དང་དེང་རབས་ཀྱི་ཚན་རིག་གི་སྡེ་ཚན་གང་མང་བར་ལ་ཕན་ནུས་ལྡན་པའི་བགྲོ་གླེང་གི་གླེང་སྟེགས་ཡོད་ཚུལ་བརྗོད་འདུག ཁོང་གི་འདོད་ཚུལ་ནི་ངའི་ལྟ་ཚུལ་དང་ཧ་ལམ་གཅིག་མཚུངས་སུ་སྣང་། བློ་ཕམ་པ་ཞིག་ལ་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་འཕྲིན་ཡིག་འདིར་དགོས་ངེས་ཀྱི་དོ་སྣང་སྤྲད་མེད་པ་དང་། རྒྱུ་མཚན་ཞིག་ནི་༡༩༥༩ལོར་ང་བཙན་བྱོལ་དུ་མ་ཡོང་བའི་སྔོན་ལ་བོད་ནང་དུ་འཕྲིན་ཡིག་འདི་དཔར་སྐྲུན་ཚད་ལྡན་ཞིག་བྱས་མི་འདུག གང་ལྟར་ང་ཚན་རིག་གི་འཇིག་རྟེན་གྱི་ཤེས་ཡོན་འཚོལ་སྙེགས་ལ་མ་ཞུགས་པའི་སྔོན་དུའང་། ང་དང་ཆོས་བརྒྱུད་གཅིག་བ་ཞིག་ཞུགས་མྱོང་བ་འདིས་ང་ལ་སེམས་ཤུགས་སྤྲད་མྱོང་། ལྷག་པར་དགེ་འདུན་ཆོས་འཕེལ་ནི་ངའི་ཕ་ཡུལ་ཨ་མདོ་ས་ཁུལ་ནས་འོངས་པ་ཡིན་པས་སེམས་ཤུགས་དེ་སྔར་ལས་ཀྱང་ཆེ་རུ་ཕྱིན། བྲིས་ནས་ལོ་མང་སོང་བའི་འཕྲིན་ཡིག་འདི་ངའི་ལག་ཏུ་སོན་སྐབས་ང་ལ་ཚོར་བ་ཤུགས་དྲག་པོ་སྐྱེས་བྱུང་། ཞེས་དགེ་འདུན་ཆོས་འཕེལ་ལའང་བསྔགས་བརྗོད་ཀྱི་མེ་ཏོག་གང་མང་འཐོར་ཡོད།  ཕྱག་རྩོམ་འདི་ཐུབ་བསྟན་སྦྱིན་པ་དང་ཁོང་གི་ལས་རོགས་ཇ་སི་འེར་ལི་སི་ནར་གཉིས་ནས་རྩོམ་སྒྲིག་བྱས་འདུག།

Advertisements
This entry was posted in དཔེ་དེབ་སྐོར་གྱི་ཤེས་བྱ།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s