ཀ་ཕྲེང་མཐོང་བ་འཛུམ་ཤོར།

བསེ་རོང་འོད་ཟེར།

ཀ་གདུང་རྡོ་ཞུན་གྱི་བཅོས་མ།  །ཁ་དོག་མཇའ་ཚོན་གྱིས་སྤེལ་བ།།

ག་ལེར་ཞིབ་ལྟ་ཞིག་བྱས་དུས།  །ང་ཡི་ཡིད་དབང་དེ་འཕྲོག་སོང་།།

ཅ་རེ་ཐོས་བསམ་ལ་ཕྱོགས་པའི།  །ཆ་ལུགས་ཚུལ་མཐུན་གྱི་གྲལ་ནས།།

ཇ་ཞིམ་བདུད་རྩི་ལ་རོལ་བ།  །ཉ་མོའི་འཁྱུག་འགྲོས་ལས་སྐྱིད་ཨང་།།

ཏ་ལའི་འདབ་ཕྲེང་ལས་འཛུམ་པའི།  །ཐ་སྙད་རིག་གནས་ཀྱི་གཞུང་ལུགས།།

ད་ལྟའི་ཉམས་ཆགས་ཀྱི་རང་བཞིན།  །ན་གཞོན་འཕང་སེམས་རེ་ལོས་སྐྱེས།།

པ་སངས་ཆོས་ཉིད་ལས་དཀར་བའི།  །ཕ་རབས་བུ་རྒྱུད་ཀྱི་བརྩེ་སེམས།།

བ་དན་སྲིད་རྩེ་རུ་སྒྲེང་བ།  །མ་འབད་བོད་རིགས་ཀྱི་རང་གཤིས།

ཙ་གེ་ཙིག་གེ་ཡི་དོན་དུ།  །ཚ་གྲང་དཀའ་སྡུག་ལ་འཛེམས་མེད།།

ཛ་ལང་རང་གཤིས་དེ་སྤོང་ལ།  །ཝ་ལེར་ངང་ཚུལ་དེ་རྨད་བྱུང་།།

ཞ་གོས་གང་གསར་ལ་སྨོན་ནས།  །ཟ་ངེ་ཟིང་ངེ་ཡི་ངང་ཚུལ།།

འ་ཅག་མངོན་མཐོ་རུ་སྒོམ་ན།  །ཡ་རྒྱས་ཉིན་སྐར་ལས་དབེན་འགྲོ།།

ར་བ་གངས་རི་ལས་སྐྱེས་པའི།  །ལ་ལུང་གང་ས་ན་གནས་པའི།།

ཤ་རུས་གཅིག་གྱུར་གྱི་སྤུན་ཟླ།  །ས་མཐོའི་གངས་ལྗོངས་ཀྱི་ཕ་སར།།

ཧ་ཅང་བྲེལ་སེམས་ཀྱི་ངང་ནས།  །ཨ་མེས་དྲོད་ཁྱིམ་དུ་འཛོམས་འགྲོ།།

ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༣ ལ་འཕགས་ཡུལ་བྱེས་གྲྭའི་དགའ་ཚལ་ནས་བྲིས།

Advertisements
This entry was posted in སྙན་རྩོམ. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s