གཞུང་སྒེར་གཉིས་ཀྱིས་འབྲུག་ཆུའི་གནོད་འཚེ་འོག་འདས་གྲོངས་སུ་སོང་བའི་གྲངས་ཚད་གསལ་བཏོན་མ་ཐུབ་པ།

མདོ་སྨད་ཐེ་བོ་སྨད་རྒྱུད་འབྲུག་ཆུའི་རྫོང་ནང་རི་རྙིལ་དང་ཆུ་ལོག་འདྲེས་མའི་འོག་འདས་གྲོངས་སུ་སོང་བའི་གྲངས་ཚད་དུས་ད་ལྟའང་གསལ་པོ་ཞིག་གཞུང་སྒེར་གཉིས་ནས་གསལ་འདོན་ཐུབ་མེད་པ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲུག་ཆུའི་འབྲེལ་ཡོད་ལས་བྱེད་ཅིག་གིས་གནས་ཚུལ་བཏོན་པ་ལྟར་ན་ཁོང་གིས་ད་རེའི་གནོད་འཚེ་འོག་མི་གཉིས་ཁྲི་ཕལ་ཆེར་འདས་གྲོངས་སུ་སོང་ཡོད་ཅེས་བཤད་འདུག འབྲུག་ཆུ་རང་གི་མིས་གསལ་བཤད་བྱས་པ་ཞིག་ནང་འབྲུག་ཆུ་རྫོང་གི་མདུན་རིའི་ངོས་ན་ཡོད་པའི་བྲག་སྡེ་ཞེས་པའི་གྲོང་ཚོའི་ནང་ཀླུ་སྲུང་དང་། བསོད་ནམས་སྒྲོལ་མ། གསང་ཡུམ་དང་། དབྱར་སླས་སྡེ་བའི་བན་དྷེ། འབྲུག་ཆུ་རྫོང་གི་མན་ཆད་ན་ཡོད་པའི་བོད་སྡེ་གསུམ་ཡོད་པ་ལས་ཁྲི་སྡེ་ཞེས་པའི་སྡེ་བའི་ནང་མི་བརྒྱད། དབུས་བཟའ་སྡེ་བའི་ནང་མི་བདུན། ལྷ་སྡེ་འབུམ་སྡེ་ཞེས་པའི་གྲོང་ཚོ་ནང་མི་དྲུག་བཅས་འདས་གྲོངས་སུ་སོང་བ་ས་གནས་རང་ནས་གནས་ཚུལ་བཏང་འདུག

Advertisements
This entry was posted in དམིགས་བསལ་གསར་འགྱུར།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google photo

You are commenting using your Google account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s