སྨྱུག་རྩེ་ལས་འཐོར་བའི་འཛུམ་ཆུང་།

བསེ་རོང་འོད་ཟེར།

སྔོན་གོམས་བག་ཆགས་ལས་འཐོར་བའི།  །བརྩེ་སེམས་མེ་ཏོག་གི་འདབ་མ།།

ཡུན་རིང་སྙིང་དབུས་སུ་བཞད་པའི།  །བརྩེ་དུང་ཆུ་གཏེར་ལས་ཟབ་ཨང་།།

ལས་འབྲས་སྨིན་གྲུབ་ལས་བྱུང་བའི།  །སྐྱེས་གནས་རིགས་རུས་ཀྱི་ཁྱད་པར།།

གནམ་སའི་བར་བསྐལ་ལས་རིང་བ།  །སྔོན་ཆད་བྱས་ཉེས་ཤིག་ཡིན་འགྲོ།།

མ་བཅོས་སེམས་གཏིང་གི་ཞིང་སར།  །མི་འདོད་བདེན་འཛིན་དེ་བཀག་ཀྱང་།།

མ་དག་ཆོས་ཉིད་ཀྱི་དབང་གིས།  །རེ་འབྲས་ཉིན་སྐར་ལས་དབེན་ཨང་།།

འཆར་སྣང་ཆོས་ཉིད་ལས་བརྒལ་བའི།  །གང་ཤར་བདེ་སྟོང་ལས་འཛུམ་པའི།།

སྣ་མང་འཇའ་ཚོན་དེ་བསམ་དུས།  །སེམས་ཚོར་ཁ་ཆར་ལས་རྩུབ་ཨང་།།

རང་ལུས་དབེན་གནས་སུ་གནས་ཀྱང་།  །སེམས་ངོར་འདི་སྣང་གི་འཇའ་ཚོོན།།

ལོ་འདབ་རྩ་བ་སོགས་རྒྱས་པས།  །གཏན་བདེ་འདུན་མ་དེ་འཇོམས་ཨང་།།

འདི་ཕྱི་གཉིས་མེད་ཀྱི་ལམ་ལ།  །ཕྱོགས་པའི་རང་བཞིན་དེ་མཐོང་ཡང་།།

འཛེམས་མེད་ཆོས་ལྤགས་རེ་བཞེས་ནས།  །འདི་སྣང་མཁས་སྙན་དེ་སྐྱོ་ཨང་།།

ཨ་ལེ་གང་ཤར་གྱི་སྨྱུག་རྩེ།  །དྭངས་གཙང་ཤོག་དཀར་གྱི་ངོས་ལ།།

འཁྱུག་འགྲོས་སྟངས་སྟབས་ཤིག་ངོམས་ལ།  ཁ་རྩོད་གཞུ་རྒྱུད་དེ་མ་འཐེན།

Advertisements
This entry was posted in སྙན་རྩོམ. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google photo

You are commenting using your Google account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s