ཐེ་སྨད་འབྲུག་ཆུ་ཁུལ་དུ་ཡང་བསྐྱར་རི་རྙིལ་གྱི་གནོད་འཚེ་བྱུང་བ།

 

བསེ་རོང་འོད་ཟེར།

ཕྱི་ཚེས་ ༦ ཉིན་མདོ་སྨད་ཐེ་བོ་སྨད་རྒྱུད་འབྲུག་ཆུ་ཁུལ་དུ་ཡང་བསྐྱར་རི་རྙིལ་གྱི་གནོད་འཚེ་བྱུང་ཡང་། རི་རྙིལ་གྱིས་གནོད་འཚེ་མ་བྱུང་སྔོན་ལ་མི་མང་རྣམས་སྡོད་གནས་སྤར་ཐུབ་ཙམ་བྱུང་བས་མི་མང་རང་ལ་ཤི་རྨས་འཚབ་ཆེ་ཐེབས་ཡོད་མེད་གསལ་ཁ་ཞིག་མེད་ཀྱང་ཁང་ཁྱིམ་དང་རྒྱུ་ནོར་ལ་སྐྱོན་རྒུད་འཚབ་ཆེ་ཐེབས་ཡོད་འདུག  སྤྱིར་ད་རེ་ཐེ་སྨད་འབྲུག་ཆུ་ཁུལ་དུ་རང་བྱུང་གིས་གནོད་འཚེ་གཅིག་རྗེས་གཉིས་མཐུད་འབྱུང་བཞིན་པའི་གནད་དོན་གཙོ་བོ་རྒྱ་གཞུང་གིས་འབྲུག་དཀར་གཙང་པོའི་གཡས་གཡོན་གྱི་རི་ལུང་ཡོངས་རྫོགས་ནང་གི་ནགས་ཚལ་གཅོད་འབྲེག་དང་། རང་བྱུང་གཏེར་ཁ་སྔོག་འདོན་ཚད་མེད་བྱས་པའི་ངན་འབྲས་རྣམས་ཉམ་ཐག་པའི་ས་གནས་བོད་མི་ཚོའི་མགོ་ཐོག་ཏུ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པའི་གནས་སྟངས་འདི་དངོས་གནས་ཡིད་སེམས་གཏིང་ནས་སྐྱོ་དགོས་པའི་གནས་སྟངས་རང་རེད།

 

Advertisements
This entry was posted in དམིགས་བསལ་གསར་འགྱུར།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s