རྩོམ་རིག་གར་ཕྲེང་གི་རྩོམ་སྒྲིག་པའི་གཏམ་དུ་བྲིས།

བསེ་རོང་འོད་ཟེར།

དེ་ཡང་མཉམ་མེད་ཇོ་བོ་རྗེའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་ལེན་པར་བྱ།། ཞེས་གསུངས་པ་བཞིན་ང་ཚོའི་མི་ཚེ་ཡུན་ཐུང་འདིའི་ནང་བྱ་བ་མང་བོ་ཞིག་ལ་གཡེང་ནས་འདུག་ཁོམ་མེད་པའི་གནས་སྟངས་འདི་ངོས་ཟིན་པའི་སྒོ་ནས་སློབ་གཉེར་པ་ཞིག་ལ་མཚོན་ན་རང་ཉིད་ཀྱིས་ལོ་མང་རིང་དཀའ་སྤྱད་སྡུག་རུས་ཀྱིས་སྦྱོང་བའི་སྣ་མང་སློབ་ཚན་ཁག་ལས་རང་ཉིད་བློ་ཁ་ཕྱོགས་པའི་རིགས་གཅིག་ལ་ཆེད་དམིགས་ཞིབ་འཇུག་བྱ་ཡུལ་དུ་བདམས་ནས་རིགས་གཅིག་གི་སྒང་ལ་རང་བློ་དང་འཚམས་པའི་ཆེད་ལས་ཞིབ་འཇུག་མི་སྣ་ཞིག་ཏུ་འགྱུར་རྒྱུའི་འཆར་གཞི་སྔོན་ཚུན་ནས་ཡོད་དགོས་པ་མ་གཏོགས་འཛིན་གྲྭ་མཐར་ཕྱིན་པ་དང་མཉམ་དུ་སློབ་སྦྱོང་ཡོངས་སུ་རྫོགས་པ་ལྟ་བུའི་མཐོང་རྒྱ་ཆུང་བའི་བསམ་བློ་འདིས་གཞན་དོན་ཕར་བཞག་རང་གི་མི་ཚེ་ཕུན་སུམ་ཚོགས་པ་ཞིག་ཡོང་དཀའ་བ་མཐོང་ཆོས་སུ་གྲུབ། ཆད་ལས་ཞིབ་འཇུག་གི་འགོ་དེ་ཡང་དང་པོ་སློབ་མ་སོ་སོའི་གོམས་གཤིས་དང༌། རིགས་སྟོབས། དགའ་ཕྱོགས། དམིགས་ཡུལ། བརྩོན་སེམས་ཆེ་ཆུང་སོགས་མི་འདྲ་བ་ཆོས་ཉིད་དུ་གྲུབ་པས་ངེས་པར་སློབ་མ་སོ་སོའི་རང་གི་དགའ་ཕྱོགས་དང་སྨོན་ཕྱོགས་ལྟར་གདམ་ན་རང་བཞིན་གྱི་ནུས་པ་གཞན་དང་མ་འདྲ་བ་ཞིག་ཐོན་རྒྱུ་དང༌། དེ་ལས་ལྡོག་ཏེ་གདམ་གཞི་དེ་དག་སློབ་མ་རང་གི་དམིགས་ཡུལ་དང་རྒྱབ་འགལ་དུ་གྱུར་པ་ཞིག་གི་སྒང་དུ་སོང་ན་ནུས་པའང་དེ་དང་མཐུན་པ་ཞིག་འབྱུང་ངེས། གང་ལྟར་སློབ་མ་སོ་སོས་རང་གི་རིགས་སྟོབས་སོགས་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱས་ཏེ་འཆར་གཞི་འགོད་དགོས་པ་མ་གཏོགས་བསྡོམས་ཚིག་ཅིག་སྔོན་ཚུན་ནས་བཀོད་དེ། རྗེས་སུ་གཏན་འཁེལ་བའི་དམིགས་ཡུལ་དེའི་སྒང་ལ་འགྲོ་གང་ཐུབ་བྱས་ཀྱང་བདེ་ལེགས་ངང་འགྲོ་མི་ཐུབ་པ་མ་ཟད་སློབ་སྦྱོང་གི་གནས་ཚད་འདོད་བློ་དང་མ་འཚམས་པ་སོགས་ཀྱིས་སློབ་སྦྱོང་གི་སེམས་ཤུགས་ཡོངས་སུ་ཆག་རྒྱུའི་ཉེན་ཁ་མི་སྲིད་ཞིག་མ་རེད་སྙམ། ཐོག་མར་ཆུང་ས་ནས་རིགས་གཅིག་ལ་ཆེད་ལས་ཀྱི་རྣམ་པ་ཐོན་ཐབས་སུ་བློ་ཁ་རྩེ་གཅིག་ཏུ་ཕྱོགས་ན་རང་བཞིན་གྱི་གྲུབ་འབྲས་ཀྱང་རང་བློ་དང་འཚམས་པ་ཞིག་འབྱུང་ངེས། ཡིན་ན་ཡང་ཆད་ལས་ཞིབ་འཇུག་པ་ཞིག་ལ་མཚོན་ན་དངོས་གཞིའི་འཛིན་གྲྭ་ཡངས་སུ་ཐོན་ཚར་བའི་རྗེས་ལ་ཞུགས་ན་མ་གཏོགས་ཐེངས་དང་པོ་ནས་ཆེད་ལས་ཞིབ་འཇུག་གི་ལས་ལ་ཞུགས་ཏེ་མཁས་པར་ཆག་པ་ཧ་ཅང་ཉུང༌།  འཛིན་གྲྭ་ཡོངས་སུ་ཐོན་པ་རྣམས་ཆེད་ལས་ཞིབ་འཇུག་གི་ལས་ལ་ཞུགས་ན་རང་ཉིད་ཀྱི་ཤེས་ཡོན་གང་ཡོད་པ་རྣམས་བེད་སྤྱོད་གཏོང་མ་ཐུབ་པའི་དབང་གིས་ཡར་རྒྱས་ཀྱི་ལམ་ལས་ཕྱི་བཤོལ་བྱས་ཏེ་ཚང་མ་ཆུད་ཟོས་སུ་འགྲོ་བའི་ཉེན་ཁ་ལས་ཡོངས་སུ་སྐྱོབ་ཐུབ་པ་མ་ཟད་སློབ་མ་རང་གིས་སྔོན་ཆད་བརྒྱུད་མྱོང་བའི་སློབ་སྦྱོང་གི་གནས་རིམ་དེ་དག་ལ་སྤྲོ་བ་རྙེད་ཐུབ། སློབ་མས་ཆད་ལས་ཞིབ་འཇུག་བྱ་ཡུལ་དང་འབྲེལ་བའི་སློབ་ཚན་གང་མཆིས་ཀྱི་དགེ་ཚབ་ཞོར་དུ་འགན་འཁུར་བླངས་ཐུབ་ན་ཞིབ་འཇུག་གང་བྱས་པ་རྣམས་གཞན་ལ་བསྟན་ཐུབ་པ་དང་གཅིག རང་གི་བསམ་བློ་ནང་དེ་སྔོན་འཁོར་མ་མྱོང་བའི་ཞིབ་འཇུག་གི་གནད་མང་བོ་ཞིག་སློབ་མའི་དྲི་བ་ལས་གསར་རྙེད་ཐུབ་པའི་དགེ་མཚན་དང་གཉིས། གཞུང་ལས་ཡང་སློབ་སྦྱོང་གི་ཞོར་དུ་འགྲུབ་འགྲོ་བ་སོགས་རང་གཞན་གཉིས་ཀར་ཕན་པའི་ཆེད་ལས་ཞིབ་འཇུག་གི་ལས་ལ་གཞུག་རྒྱུ་ནི་ཤིན་ཏུ་གལ་འགང་ཆེ་བར་མཐོང༌། ཆད་ལས་ཞིབ་འཇུག་པ་ཞིག་ལ་མཚོན་ན་ལམ་སྟོན་མཁན་གྱི་སློམ་དཔོན་ཞིག་མེད་ཐབས་བྲལ་བས་སློབ་དཔོན་དེ་ཡང་རབ་ཡིན་ན་དོན་ཚན་ཁག་འགའ་ཤས་འཛོམས་པ་ཞིག་བསྟེན་དགོས་སྙམ། དང་པོ་སློབ་ཚན་དང་འབྲེལ་བའི་གཞུང་ལུགས་གཞན་དག་ལ་མཁྱེན་རྒྱ་ཡངས་པ། གཉིས་པ་ཆད་ལས་ཞིབ་འཇུག་བྱ་ཡུལ་གྱི་དཔྱད་གཞིའི་ཡིག་ཆ་རྣམས་ལ་ཆ་རྒྱུས་ལྡན་ཞིང་དེ་དག་ནང་ཡོད་པའི་དོན་གནད་གང་ཡོད་ལ་དཔྱད་ཞིབ་གཏིང་ཟབ་བྱེད་ཐུབ་པ། གསུམ་པ་ཆད་ལས་ཞིབ་འཇུག་ལ་མཁོ་བའི་ཡིག་ཆ་གང་མཆིས་མཁོ་འདོན་དང་ཆད་ལས་ཞིབ་འཇུག་བྱ་ཡུལ་གྱི་དོན་གནད་ལ་གོ་བ་གཏིང་ཟབ་ཏུ་འགྲོ་ཐུབ་པའི་ལམ་སྟོན་བྱེད་ཐུབ་མཁན་ཞིག་དགོས་གལ་ཆེ་སྙམ།

Advertisements
This entry was posted in དཔྱད་རྩོམ།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s